尊貴的第七世永津林仁波切文殊口授引言開示
༄༅། །བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་དེ་རྣམས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་སླད་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་བཀའ་སྩལ་ཅིང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་དོན་ཡོངས་སུ་རྫོགས་པ་བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་དུ་འདུས་ཅིང་།
吾等導師——無比能仁之王,降臨印度聖者境已,為安所化於解脫、一切相智之位;宣說八萬四千法蘊。盡諸八萬四千法蘊所詮之義,皆攝所詮三學,能詮三藏之中。
དེ་རྣམས་ཀྱི་དགོངས་པའི་དོན་འགྲེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ་འཕགས་ཡུལ་ན་ལེནྜའི་མཁས་པའི་ཡང་རྩེར་སོན་པ་པཎྜི་ཏ་ཆེན་པོ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གནད་ཀུན་དང་། བརྗོད་བྱའི་དོན་ཚང་ལ་མ་ནོར་བར་བསྟན།
釋彼密意冠德當世,聖境那爛陀寺群俊之尊,卓絕大士大班智達——吉祥阿底峽,造《菩提道炬論》,無謬開顯三士道次一切法要,所詮之義詳備於斯。
དེ་རྣམས་ཀྱི་དགོངས་པའི་དོན་ཕྱིན་ཅི་མ་ལོག་པ་བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཆེན་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་གང་ཟག་གཅིག་ཚངས་རྒྱ་བའི་ཆ་རྐྱེན་དུ་འཁྱེར་ཤེས་པའི་ཆེ་བ་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ལམ་རིམ་ཆེ་མོ་མཛད།
西藏雪域大善巧者——吉祥至尊宗喀巴 · 洛桑札巴,善採彼等無倒密意,令成一士成佛之緣,由具四大殊勝門中,超逸絕塵;盡攝一切佛語要旨,造《菩提道次第廣論》。
དེ་ལ་འགྲེལ་པ་དུ་མ་གཞི་ཡོད་པ་ལས། ༧རྒྱལ་དབང་སྐུ་ཕྲེང་སྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་འདི་ནི་།རྗོད་བྱེད་ཚིག་ཉུང་བ།རྗོད་བྱའི་དོན་གསལ་བ།ལམ་རིམ་གྱི་གནད་མ་ལུས་པ་བསྡུས་པས་རང་ཅག་ལས་དང་པོ་བ་རྣམས་ལ་ཉམས་སུ་བླང་བདེ་བའི་གདམས་པ་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ།
論疏雖多,然至尊法王第五世達賴喇嘛, 阿旺洛桑加措所造《道次第引導・文殊口授》,能詮詞簡,所詮理彰,遍攝一切道次扼要,是為我等初修業者易修勝法。