
ོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་ཕོ་འབྲུག་གི་ལོའི་གནམ་ལོ་གསར་དུ་བཞད་པར་བོད་ཕྱི་ནང་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་དང་ཧི་མ་ལ་ཡའི་རང་རིགས་ཀྱི་སྤུན་ཟླ་དག དེ་བཞིན་ཡུལ་གྲུ་གང་སར་བཞུགས་པའི་བོད་ཀྱི་ལོ་སར་སྲུང་བརྩི་གནང་མཁན་ཚང་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་མི་གཤིགས་རྡོ་རྗེ་ཁམས་སུ་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་ལྷུན་གྱིས་གྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱིས་དཔལ་ཡོན་ལ་ཅི་མགར་སྤྱོད་ཐུབ་པའི་བཀྲ་ཤིས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།
ཉེ་བའི་རིགས་བདག་ཤར་པ་ཆོས་རྗེ་བླ་བྲང་ནས།
ལོ་གསར་ཚེས་གཅིག་ཉིན་རྒྱལ་ས་བྷེང་ལོར་ནས་སྒྲོན་པའི་སྐུ་པར།